《我就在你身边》是ANU演唱的歌曲,由ANU填词,ANU、旦旦谱曲。
歌曲歌词
ཉིན་ཞིག་གི་འགོ་རྩམ།
དོན་མང་པོར་ཐུག་དུས།
དཀའ་ལས་མང་པོ་ཡོད་ན་ཐང་།
བྲེལ་བས་ཉིན་གང་ཡང་།
གོམ་མཚམས་ཅུང་བཞག་ནས།
ཡར་མར་ལ་ལྟོས་དང་།
རང་སེམས་པ་དེ་མ་སྐྱོ་རོགས།
ང་ཁྱོད་རང་དང་གམ་ལ་ཡོད། ནམ་ཡིན་རུང་།
ནམ་ཡིན་རུང་ལ་ཡོད།
བྲེལ་ཟང་ཟིང་གི་འཚོ་བའི་ཁྲོད།
ང་ཁྱོད་རང་དང་གམ་ལ་ཡོད། ནམ་ཡིན་རུང་།
གམ་ལ་ཡོད།
ཁྱོད་ཁེར་རྐྱང་རེད་མ་བསམ་རོགས།
ང་ཚོ་ཚང་མ།
ཚང་མ་ལྷན་དུ་གནས་ཡོད།
ཁྱོས་སེམས་པ་དེ་མ་ཕམ་རོགས།
ང་ཡི་བརྩེ་བ།
བརྩེ་བ་ཁྱོད་ལ་སྤྲད་ཆོག།
ཁྱོད་ཁེར་རྐྱང་རེད་མ་བསམ་རོགས།
ང་ཚོ་ཚང་མ།
ཚང་མ་ལྷན་དུ་གནས་ཡོད།
ཁྱོས་སེམས་པ་དེ་མ་ཕམ་རོགས།
ང་ཡི་བརྩེ་བ།
བརྩེ་བ་ཁྱོད་ལ་སྤྲད་ཆོག།
ཟང་ཟིང་གི་གནས་བབས།
ཡུན་རིང་ལ་མནར་དུས།
སྐྱིད་སྡུག་མཉམ་ལ་མྱུང་རོགས་གནང་།
འཇིག་པ་ཡང་མ་སྣང་།
བློ་སེམས་དེ་བདེ་མོར་གཏང་ནས།
འོ་་འཛུམ་གྱིས་གཏད་དང་།
རང་སེམས་པ་དེ་མ་སྐྱོ་རོགས།
ང་ཁྱོད་རང་དང་གམ་ལ་ཡོད།
ནམ་ཡིན་རུང་།
ནམ་ཡིན་རུང་ལ་ཡོད།
བྲེལ་ཟང་ཟིང་གི་འཚོ་བའི་ཁྲོད།
ང་ཁྱོད་རང་དང་གམ་ལ་ཡོད།
ནམ་ཡིན་རུང་།
གམ་ལ་ཡོད།
ཁྱོད་ཁེར་རྐྱང་རེད་མ་བསམ་རོགས།
ང་ཚོ་ཚང་མ།
ཚང་མ་ལྷན་དུ་གནས་ཡོད།
ཁྱོས་སེམས་པ་དེ་མ་ཕམ་རོགས།
ང་ཡི་བརྩེ་བ།
བརྩེ་བ་ཁྱོད་ལ་སྤྲད་ཆོག།
ཁྱོད་ཁེར་རྐྱང་རེད་མ་བསམ་རོགས།
ང་ཚོ་ཚང་མ།
ཚང་མ་ལྷན་དུ་གནས་ཡོད།
ཁྱོས་སེམས་པ་དེ་མ་ཕམ་རོགས།
ང་ཡི་བརྩེ་བ།
བརྩེ་བ་ཁྱོད་ལ་སྤྲད་ཆོག།
ཉིན་རིང་མོར།
མཚན་ནག་པོར།
མཚམས་མེད་ཀྱིས་ལས་ཀའི་ཞོར་ལ།
ཐང་ཆད་པའི་གོམ་པ་ཅུང་བཞག་ནས།
ལྷོད་ཙམ་ཞིག་ནང་རོགས།
སེམས་པ་དེ་སུན་པ་མ་གནོང་།
འཚོ་བ་ལ་རེ་བ་སྤྲད་རོགས།
འདུན་པ་དེ་འདོར་བ་མ་གནང་དང་།
རྨི་ལམ་དེ་འགྲུབ་ཡོང་།
ཁྱོད་ཁེར་རྐྱང་རེད་མ་བསམ་རོགས།
ང་ཚོ་ཚང་མ།
ཚང་མ་ལྷན་དུ་གནས་ཡོད།
ཁྱོས་སེམས་པ་དེ་མ་ཕམ་རོགས།
ང་ཡི་བརྩེ་བ།
བརྩེ་བ་ཁྱོད་ལ་སྤྲད་ཆོག།
ཁྱོད་ཁེར་རྐྱང་རེད་མ་བསམ་རོགས།
ང་ཚོ་ཚང་མ།
ཚང་མ་ལྷན་དུ་གནས་ཡོད།
ཁྱོས་སེམས་པ་དེ་མ་ཕམ་རོགས།
ང་ཡི་བརྩེ་བ།
བརྩེ་བ་ཁྱོད་ལ་སྤྲད་ཆོག།